སྨན་པའི་ཀུན་སྤྱོད།

སྨན་གྱི་ཡོན་ཏན་བཅུ་བདུན།

时间:2015-08-21  点击:89
        སྨན་གྱི་ཡོན་ཏན་བཅུ་བདུན་ནི་འཇམ་དང་ལྕི་དྲོ་སྣུམ་དང་བརྟན།གྲང་དང་རྟུལ་བ་བསིལ་མཉེན་སླ་དང་སྐམ། སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ་བ་བཅས་ཡིན་པ་དང་། དེ་ནི་རྣམ་པར་གྱུར་བའི་ཉེས་པ་གསུམ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་བའི་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པའི་གཉེན་པོ་ཡིན་ནོ།། སྨན་རྫས་ནི་ཡོན་ཏན་བཅུ་བདུན་ལ་བརྟེན་ནས་མིའི་ལུས་ཕུང་གི་ནད་གཞི་གསོ་བཅོས་ཀྱི་བྱ་བ་བྱེད་ཀྱི་ཡོད་པ་རེད། ཡོན་ཏན་བཅུ་བདུན་ནི་རོ་དྲུག་པོ་གང་རུང་ལས་བྱུང་བ་ཡིན་པ་དང་། རོ་དྲུག་ནི་ས་ལ་སོགས་པའི་འབྱུང་བ་ལྔས་བསྐྱེད་པ་ཡིན་པས་ལྕི་བ་དང་སྣུམ་པ་ལ་སོགས་ཀྱི་ནུས་པ་ཡང་འབྱུང་བ་ལས་བྱུང་བ་ཡིན་ཏེ། རོ་དྲུག་ལས་ལན་ཚྭ་བསྐ་མངར་རྣམ་གསུམ་གྱིས་བསྐྱེད་པའི་ནུས་པ་རིམ་པ་བཞིན་དུ་ལྕི་བ་དང་། དེ་བཞིན་ལན་ཚྭ་སྐྱུར་མངར་གསུམ་གྱིས་བསྐྱེད་པའི་ནུས་པ་རིམ་བཞིན་དུ་སྣུམ་པ། བསྐ་ཁ་མངར་བ་གསུམ་གྱིས་བསྐྱེད་པའི་ནུས་པ་རིམ་བཞིན་བསིལ་བ་ཡིན་པ་སོགས་དེ་བཞིན་ནོ།།སྨན་གྱི་སྐྱེ་གནས་ལ་ཉི་མའི་སྟོབས་ཅན་གྱི་དྲོད་སྨན་དང་ཟླ་བའི་སྟོབས་ཅན་གྱི་བསིལ་སྨན་གཉིས་ཀྱི་ངོ་བོར་མ་གནས་པ་གཅིག་ཀྱང་མེད་པ་དང་། ལུས་ལ་གནས་པའི་ཉེས་གསུམ་ཡང་ས་ཆུ་མེ་རླུང་སོགས་འབྱུང་ལྔའི་ངོ་བོ་ཡིན་པས་ནད་ཀུན་མདོར་དྲིལ་ནའང་ཚ་བ་དང་གྲང་བ་ལས་མ་འདས། དེ་ལ་ཚ་བའི་ནད་ལ་བསིལ་སྨན་དང་། གྲང་བའི་ནད་ལ་དྲོད་སྨན་སྦྱོར་བ་ཡིན་ནོ།།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་