༄༅།། ཙོང་ཁ་བདུད་བརྩི་ལྔ་ལུམས།
时间:2015-09-13 点击:155
ཙོང་ཁ་བདུད་བརྩི་ལྔ་ལུམས།
གཅིག ངོ་སྤྲོད།
ལོ་སྔོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་གསོ་བ་རིག་པ་འདི་ནི་སྤྱང་གྲུང་ལྡན་པའི་འཚོ་བྱེད་ཆེད་མཁས་དང་སྙིང་ཉེ་བྱམས་སེམས་འགྲོ་ལ་བཅིངས་བའི་གསོ་བྱེད་གྲུབ་མཐའི་བཤེས་གཉེན་དམ་པས་རྒྱུད་འཛིན་སྟེང་མཐུད་མུར་དུས་རབས་ཉེར་གཉིས་འདིར་སྤེལ་བ་ཡིན། གཞུང་ཟབ་ཚད་གྲུབ། སྙུང་གཞི་དག་བཅོས་ཀྱི་ཁྱད་ཆོས་ལྡན་པས་དེང་སྐབས་ཀྱི་འཚོ་མི་རྣམས་ལའང་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་ལུས་ཟུངས་བདེ་ཐང་ལ་རམ་འདེགས་ཡག་པོ་ཐོབ་ཡོད། དཔྱད་ཀྱི་ཁུངས་སུ་གཏོགས་པའི་བདུད་རྩི་ལྔ་ལུམས་འདི་གསང་སྨན་ཁ་ཚེར་གྱི་སྦྱོར་སྡེབ་སྤེལ་ཏེ་མ་མཐའ་ཡང་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་པས༌གྲང་གིས་འཁར་བའི་ནད་གཞི་ཀུན་ལ་ཤིན་དུ་ཕན་ཆེའོ། །
གཉིས། ལུམས་ཀྱི་དབྱེ་བ།
༡ རང་བྱུང་གི་ཆུ་ཚན །
རང་བྱུང་ཆུ་ཚན་ནི་སའི་གོ་ལའི་དྲོད་ཀྱིས་རང་བྱུང་ཁམས་ཀྱི་བརྩི་སྨན་དང་རྡོ་སྨན་གྱི་རིགས་ཏེ་བྲག་ཞུན། ཅོང་ཞུ ། སྤོས་དཀར། བུལ་ཏོག་སོགས་ཚན་གྱིས་འཁོལ་ནས་དོན་པའི་སྨན་ཆུ་ཡིན་ནོ །
༢ བདུད་བརྩི་ལྔ་ལུམས།
བདུད་བརྩི་ལྔ་ལུམས་ཀྱི་གྲུབ་ཆ་གཅོ་བོ་ནི་མཚེ་ལྡུམ་དང༌། མཁན་སྐྱ། བ་ལུ་ལོ་མ། འོམ་བུ། ཤུག་ལོ་བཅས་རྩ་བའི་སྨན་སྣ་ལྔ་པོ་ཆ་སྙོམས་བྱས་པ་དེ་ཡིན། གཞན་དེ་དག་གི་སྟེང་དུ་བརྩི་དང་རྡོ་ཡི་སྨན་རིགས་སོགས་སྨན་སྣ་གང་འཛོམས་དང༌། ཁྱད་པར་དུ་གཟེ་མ། གླ་བའི་རིལ་མ། བུལ་ཏོག་བཅས་བསྣན་ཏེ་མཉམ་དུ་སྦྱར་བ་ཡིན ། ཙོང་ཁ་བདུད་བརྩི་ལྔ་ལུམས་ནི་ཙོང་ཁའི་སྨན་པས་ལོ་སྔོ་བཅུ་ཕྲག་ལྷག་ལ་གྲོང་ཁྱེར་འཚོ་མིའི་ནད་ཡམས་ཞིབ་འཇུག་དང་ཉམས་མྱོང་སྡུད་ལེན་རྨང་གཞི་བྱས་ཏེ་དེ་དག་གི་ནད་གཞི་ཁྱད་ཆོས་དང་བསྟུན་ནས་བདུད་བརྩི་ལྔ་ལུམས་འདི་སྦྱར་རོ། །
གསུམ། ཙོང་ཁ་བདུད་བརྩི་ལྔ་ལུམས་ཀྱི་ཕན་ཡོན །
ཆུ་རྒྱུས་རེངས་འཁུམས་ཆགས་པ་དང༌། རུས་ཚིགས་སྦོས་སྐྲངས་ཆགས་པ། གྲིབ་སྐྱོན་རྩ་དཀར་རིགས་ཀྱི་ཡན་ལག་ཞ་བ། ཤ་གྲིམ་ཉམས་རྒུད་དུ་གྱུར་པ། ཁྲག་རྩར་ཚ་བ་བྱེར་ནས་འབུར་འཁྱོག་ཆགས་པ། རྐེད་རྩ་འཆུས་པ། ཤ་བཀྲ་སོགས་པགས་ནད་ཆུ་སེར་གྱི་ནད། རྨ་རྙིང་པ་དང༌། རྨ་འབྲས། དོན་སྣོད་ཀྱི་སུར་ཡ། དུག་གི་ནད་རོ། རླུང་གི་སྐྲངས་སྦོས། དེ་མིན་པགས་མདངས་ཉམས་པ། པགས་པ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་རིགས་ལ་ཕན་ནུས་མངོན་པར་གསལ་ལོ། །
བཞི ། ཙོང་ཁ་བདུད་བརྩི་ལྔ་ལུམས་འཛེམ་བྱའི་ནད་གཞི །
རིམས་ཚད་དང༌། འཁྲུགས་ཚད། སྦྲུམ་མ། ཁྲག་གི་གནོན་ཤུགས་མཐོ་བ། སྙིང་གི་ནད་བཅས་ཀྱི་རིགས་ལ་ལུམས་དང་ཆུ་ཚན་བྱ་མི་རུང་། གཞན་ལུམས་ལས་ཐོན་རྗེས་རླུང་དང་གྲང་གིས་མ་རེག་པར་དྲོད་ཀྱིས་སྲུང་དགོས། །

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།

ཙོང་ཁ་བདུད་བརྩི་ལྔ་ལུམས།
རིན་ཆེན་གྱིས་བསྒྲིགས།