ཙོང་ཁའི་ཐོན་རྫས།

༄༅།། ཙོང་ཁ་གསང་སྦྱོར་གནའ་སྤོས།

时间:2015-09-13  点击:94

ཙོང་ཁ་གསང་སྦྱོར་གནའ་སྤོས།
      བོད་ཡུལ་ཨ་མདོའི་ཙོང་ཆུ་འགྲམ་རྒྱུད་དུ་ལྷུན་ངེར་ཆགས་པའི་ཙོང་ཁ་གནས་ཡུལ་འདི་ནི་སྐུ་ལུས་འཆང་པའི་དྲི་མེད་ཡེ་ཤེས་ཀྱི་ཡང་སྐུ། ཚད་མེད་དགེ་བས་ཁམས་གསུམ་གྱི་འགྲོ་དོན་གསོལ་བའི་སླད་མེད་སྲོལ་ལུགས་ཀྱི་སྒོ་ཆེན་མཛད་པའི་མཆོག་སྤྲུལ། རྒྱལ་བ་གཉིས་པའི་མཚན་བཟང་བསྟོད་པའི་རྫེ་བཙུན་བློ་བཟང་གྲགས་པ་ཆེན་མོའི་སྐུ་འོད་ཕྱོགས་བཞིར་མཆེད་པའི་སྐུ་འབུམ་བྱམས་པ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་མོ་ཡིན། ཙོང་ཁ་གསང་སྦྱོར་གནའ་སྤོས་ཞེས་པ་འདི་ནི་སྐྱབས་རྗེ་ཆེ་ཤོས་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་མདོ་དབུས་ཆོས་སྡེ་གླིང་བ་ཀུན་ལ་འཆད་ཉན་དང་སྒྲུབ་སྦྱངས་ཆས་པའི་ཆབས་ཅིག་ཏུ་གྲུབ་ཆེན་དང་བཤེས་བསྙེན་དམ་པའི་བཀའ་ངག་ཉན་གསན་ལས་ཐོབ་པའི་ལོ་ངོ་བརྒྱ་ཕྲག་ལྷག་ལ་བརྒྱུད་པའི་གནའ་སྤོས་གསང་པ་སྦྱོར་སྡེ་ཆེན་མོ་དེ་ཡིན། ཙོང་ཁ་གསང་སྦྱོར་གནའ་སྤོས་འདི་བོད་གནའ་བའི་ཕུལ་དུ་བྱུང་བའི་སྤོས་སྦྱོར་བཟོ་རྩལ་ལ་བརྟེན་ཏེ་འབྱུང་བཞི་སྙོམས་སྦྲེལ་དང་ངོ་ནུས་གཉིས་འཛོམས་ཀྱི་སྨན་སྦྱོར་ལག་ལེན་ཐབས་སྦྱོར་ལས་ཐོན་པ་ཡིན། དེ་དག་གི་སྤོས་རྩི་ཐོག་མ་ནི་ཆིན་རྒྱལ་རབས་སྐབས་ལ་རྒྱལ་ས་པེ་ཅིང་དུ་ཆགས་པའི་དགེ་ལུགས་པའི་དགོན་ཆེན་དགའ་ལྡན་བྱིན་ཆགས་གླིང་དུ་དུས་རབས་དུ་མར་གསང་ཏུ་སྦས་པའི་སྨན་སྤོས་ཉིང་བཅུད་དེ་ཡིན་པ་དང་། ཙོང་ཁ་གསང་སྦྱོར་གནའ་སྤོས་ནང་ཁ་ཆེ་གུར་ཀུམ་མཆོག་དང་ཙན་དན་དཀར་དམར་མཆོག གནའ་ཤུག་རྩ་ཏོ། ད་ལིས་མེ་ཏོགག་བུར་མཆོག་སོགས་རང་བྱུང་རི་ངོ་ལས་ཐོན་པའི་སྨན་རིགས་བཟང་སྐྱེ་སྣ་ཚོགས་དང་དྲི་བཟང་སྤོས་རྫས་ལྔ་བཅུ་ལྷག་ཚད་ལྡན་སྦྱར་བཟོ་མཛད་པའི་སྤོས་ལེགས་ཞིག་ཡིན། སྤོས་སྦྱོར་འདི་ཉིན་རྒྱུན་འབུལ་སྒྲོན་གནང་ན་མཆོག་གསུམ་མཆོད་འདྲེན་ལྷ་སྲུང་མཉེས་ཞིང་སྤྲོ། གཞི་བདག་འཁོར་དགའ་གྲིབ་དང་ཡུགས་གནོད་བསངས། དེ་མ་གཏོགས་སྣ་ཆམ་དང་གློ་ཆམ་སོགས་འགོ་བའི་ནད་རིམས་དང་། གློ་བུར་བའི་བར་ཆད་དྲེགས་སྐྱོན་སེལ། དྲི་བསུང་ཡུན་རིང་འཐུལ། གཡང་འཁོར་ཁམས་བཟང་སྐྱེད། ཡིད་སེམས་དགའ། རྨི་ལམ་ཟ་ཟི་རྒོལ་བ་སོགས་འགྲོ་བའི་ནང་ཕྱི་ཁམས་ཀུན་ལ་ཕན་ཡོན་བསམ་གྱི་མི་ཁྱབ་པ་མཆིས་སོ།
 

ཙོང་ཁ་གསང་སྦྱོར་གནའ་སྤོས།


ཙོང་ཁ་གསང་སྦྱོར་གནའ་སྤོས།


ཙོང་ཁ་གསང་སྦྱོར་གནའ་སྤོས།


ཙོང་ཁ་གསང་སྦྱོར་གནའ་སྤོས།

 
རིན་ཆེན་གྱིས་བསྒྲིགས།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་