ཙོང་ཁའི་ཐོན་རྫས།

༄༅།། ཙོང་ཁ་བོད་སྨན་གྱི་ལུམས་ཁམས་བདེ་སྲུང་དངོས་རྫས།

时间:2015-08-03  点击:98
སྲོ་ལོ་དམར་བོ།
 
      སྲོ་ལོ་དམར་བོ་ནི་འཛམ་གླིང་གི་སྒལ་གཞུང་དུ་གྲགས་པའི་མདོ་དབུས་མཐོ་སྒང་གི་གཙང་གསུམ་འབྱུང་ཁུལ་དུ་ཐོན་པ་དང་། མཚོ་ངོས་ལས་སྨི་༣༠༠༠—༦༠༠༠ཙམ་གྱི་དག་གཙང་གི་གངས་འཁྱགས་ཡུལ་དུ་འཁྲུངས་པའི་ལྷད་མེད་ཀྱི་ཁྱད་ཐོན་སྨན་རྫས་ཞིག་ཡིན། དེ་ལ་རིགས་༡༧ལྷག་གི་ཨེན་རྨང་སྐྱུར་དང་། རིགས་༢༩ལྷག་གིས་ཝེ་བརྟ་སྨན་སོགས་ཀྱི་ཕུན་སུམ་ཚོགས་པའི་གྲུབ་ཆ་ལྡན་པའོ།།
      ཕན་ནུས། འདི་ལ་ཁམས་གསོ་བདེ་སྲུང་གི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་དང་སྒོས་སུ་མིའི་ལུས་ཕུང་གི་དབྱང་དབུགས་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ཁྲག་རླུང་གི་རྒྱུ་བ་ལེགས་ཤིང་ཕུང་ཁམས་སྙོམ་སྒྲིག་བྱེད་པའི་ནུས་པ་དམིགས་བསལ་ལྡན། དེ་བས་རྒྱུན་རིང་ལ་བསྟེན་ན་མིའི་ལུས་ཕུང་ལ་དབྱང་དབུགས་ཕུན་སུམ་ཚོགས་པ་བསྐྲུན་ཏེ་ཀླད་སྙིང་གི་ནད་རིགས་འགོག་བསྲུང་བྱེད་ཐུབ་པ་དང་། ཞོར་དུ་མིའི་ལུས་ཕུང་གི་རིམས་འགོག་ཕྲ་ཕུང་དང་ལུས་གཤེར་ཕྲ་ཕུང་སོགས་ལ་སྙོམ་སྒྲིག་གི་ནུས་པ་དང་ལྡན་པས་མཇུག་མཐར་ལུས་སྟོབས་རྒྱས་ཤིང་ནད་གཞིའི་འགོག་སྲུང་གི་ནུས་པ་དང་ལྡན་པའོ།།
      བསྟེན་ཚུལ། ཆུ་ཁོལ་དང་ཨ་རག་གང་རུང་ལ་སྦངས་ཏེ་ཐེངས་རེར་ཁེ༤--༥བསྟེན་ཆོག
 
 

མེ་ཏོག་གངས་ལྷ།
      མེ་ཏོག་གངས་ལྷ་ནི་འཛམ་གླིང་གི་སྒལ་གཞུང་དུ་གྱུར་བའི་མདོ་དབུས་མཐོ་སྒང་གི་གཙང་གསུམ་འབྱུང་ཡུལ་དུ་ཐོན་པ་དང་། མཚོ་ངོས་ལས་མཐོ་ཚད་སྨི་༣༠༠༠—༦༠༠༠ཙམ་གྱི་ས་མཐོ་ཞིང་རི་གཙང་བའི་གངས་ཅན་ཡུལ་དུ་འཁྲུངས་པའི་མདོ་དབུས་ཀྱི་ཁྱད་ཐོན་གྱི་སྨན་རྒྱུ་ཞིག་ཡིན།
      ཕན་ནུས། སྤྱིར་རླུང་རླན་འདུལ་ཞིང་གྲང་བ་སེལ་བ་དང་། བྱེ་བྲག་ཏུ་མཁལ་རྐེད་དང་པུས་གྲུམ་གཟེར་བ། གྲང་གྲུམ་དང་བུད་མེད་ཀྱི་ཟླ་མཚན་བདེ་སྲུང་བཅས་ལ་ཕན།
      
བསྟེན་ཚུལ། ཨ་རག་ལ་སྦངས་བའམ་ཁྱིམ་བྱའི་རིགས་དང་། ཉ་ཤ། ལུག་ཤ་བཅས་ལ་སྦྱར་ཏེ་བསྟེན་ཆོག།

དབང་ལག
      དབང་ལག་ལ་ལྷ་ལག་ཀྱང་ཟེར། མཚོ་ངོས་ལས་སྨི་༣༦༠༠ཡན་གྱི་རང་བྱུང་གི་ཁོར་ཡུག་གཙང་ཞིང་བསིལ་གྲིབ་ལྡན་པའི་ཡུལ་དུ་སྐྱེས་པའི་མདོ་དབུས་མཐོ་སྒང་གི་དམིགས་བསལ་ཅན་གྱི་རང་བྱུང་གི་སྐྱེ་དངོས་ཤིག་ཡིན་ལ།དམིགས་བསལ་གྱི་ཕན་ནུས་ལྡན་པའི་སྨན་མཆོག་ཅིག་ཀྱང་ཡིན་ནོ།།
      
ཕན་ནུས། ལུས་སྟོབས་གསོ་ཞིང་དབང་བོ་གསལ་བའི་ནུས་པ་ལྡན་ལ།མཁལ་སྟོབས་ཞན་པ་དང་། མཁལ་རྐེད་གཟེར་ཞིང་སྒྱིད་ལུག་པ། དབང་བོ་མི་ལྡང་བ་སོགས་ལ་ཕན༎
      
བསྟེན་ཚུལ། ཆུ་ཁོལ་དང་ཨ་རག་གང་རུང་ལ་སྦངས་ཏེ་བསྟེན་པའམ་ཁྱིམ་བྱ་དང་ལུག་ཤར་སྦྱར་ཏེ་ཟོས་ཀྱང་ཆོག
ཁ་ཆེ་གུར་གུམ།
 
      བོད་ལྗོངས་ཀྱི་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་དུ་ཐོན་པ་དང་། དེ་ལ་ལབ་སེར་རིགས་འདྲའི་དེང་རབས་ཀྱི་རྫས་སྦྱོར་ལྡན་ལ་ངོ་བོ་བསིལ་ལ་རོ་ཅུང་ཙམ་ཁ། གྲུབ་ཆ་གཙོ་བོར་གུར་གུམ་ཀམ༡-༤དང་། གུར་གུམ་ཀྲི་ཀ་བ་རྐྱང་བ། ཀྲི་ཀ་བ་གཉིས་པ། ལབ་སེར་རྒྱུ། གུར་གུམ་ཁ་ཀམ་སོགས་ཡོད།
      ཕན་ནུས། ཁ་ཆེ་གུར་གུམ་གྱིས་ཁྲག་གསོ་བ་དང་། ཁྲག་རླུང་གི་རྒྱུ་བ་སྙོམས་པར་བྱས་ཏེ་ཡི་མུག་པ་དང་དངངས་པ་སེལ་ཐུབ། སྙིང་རྩའི་རྒྱུ་བ་དམིགས་བསལ་གྱི་ཇེ་མགྱོགས་ལ་བཏང་སྟེ་སྙིང་གྲིམ་གྱི་ཁྲག་རླུང་སྙོམ་སྒྲིག་བྱེད་པས་མིའི་ལུས་ཕུང་གི་ནད་འགོག་སྟོབས་ཤུགས་ཇེ་བཟང་ལ་གཏོང་ཐུབ། ཉེ་བའི་ལོ་ཤས་ནང་། ཚན་རིག་ཞིབ་འཇུག་པས་ཤེས་རྟོག་ལྟར་ན། ཁ་ཆེ་གུར་གུམ་ལས་ཕུང་གྲུབ་སྐོར་ཞིག་གིས་འབྲས་སྐྲན་ནད་སྔོན་འགོག་བྱེད་པའི་ནུས་པ་དང་ལྡན་པས་དུས་རབས་ཉེར་གཅིག་པར་འབྲས་སྐྲན་ནད་སྔོན་འགོག་བྱེད་པའི་ཕུགས་བསམ་གྱི་སྨན་རྫས་ཞིག་ཏུ་འགྱུར་བས་བཤད།
      བསྟེན་ཚུལ། ཨ་རག་དང་ཆུ་ཁོལ་ལ་སྤངས་ཏེ་ཉུང་ཙམ་སྤྱོད་ཆོག ཐེངས་རེར་ཁེ༠.༠༡-༠.༠༣ཙམ་ལས་བསྟེན་མི་རུང་།

 

དབྱར་རྩ་དགུན་འབུ།
 
      དབྱར་རྩ་དགུན་འབུ་ནི་མདོ་དབུས་མཐོ་སྒང་གི་ངོ་མཚར་བའི་ཁྱད་ནོར་དང་འཛམ་བུའི་ཁྱོན་ན་“གསེར་ལས་གྲུབ་པའི་རྩ་”དང“སྨན་གྱི་རྒྱལ་བོར”་འབོད།མདོ་དབུས་མཐོ་སྒང་གི་མཚོ་ངོས་ལས་སྨི་༣༠༠༠ནས༥༠༠༠བར་གྱི་རི་མཐོ་ས་གཙང་གི་ཡུལ་དུ་སྐྱེས་ཤིང་། དགུན་དུས་འབུ་དང་དབྱར་དུས་རྩྭ་རུ་གྲུབ་པའི་ཁྱད་འཕགས་ཀྱི་སྨན་རྫས་ཞིག་ཡིན། དེར་སྨན་རྩྭའི་སྐྱུར་དང་། བདུད་རྩིའི་དྭངས་བཅུད། སྤྲི་དཀར། སྣ་མང་ཨེན་རྨང་སྐྱུར་སོགས་ཞཱིན་དང་། སཱི། ནཱ་སོགས་ཕུང་རྫས་མང་བོ་ཞིག་འདུས་ཡོད།
      ཕན་ནུས། མཁལ་སྟོབས་སྐྱེད་ཅིང་གློ་བ་སངས་པ་དང་། དྭངས་མ་ལེན་ཞིང་མདངས་སྟོབས་ལྷག་ཏུ་རྒྱས། འབྱུང་ཁམས་སྙོམས་ཤིང་རྒས་གསོ་བཅུད་ལེན་མཆོག། དེས་འབྲས་སྐྲན་གྱི་ནད་རིགས་འགོག་བཅོས་དང་། ལུས་སྟོབས་སྐྱེད་ཅིང་ནད་འགོག་སྟོབས་ཤུགས་ཆེར་སྐྱེད་པ།གཞན་གློ་བའི་ནད་གཞི་དང་དབུགས་མི་བདེ་བར་ཕན་ནུས་དམིགས་བསལ་ལྡན་པས་རང་བྱུང་སྟོབས་སྐྱེད་ལས་ཆེས་མཆོག་ཏུ་གྱུར་བའོ།།
      བསྟེན་ཚུལ། དབྱར་རྩ་དགུན་འབུ་ཁེ་༡ནས་༡༠ཙམ་ཆུར་གདུས་ཏེ་བསྟེན་པའམ་ཁེ༡༠ནས་༢༠ཙམ་ཁྱིམ་བྱའི་ཁུ་བ་དང་མཉམ་དུ་གདུས་ཏེ་བསྟེན་པ།ཡང་ན་ཁེ༡༠ནས་༢༠ཨ་རག་ཧའོ་ཧྲིན་༥༠༠སྦངས་ཏེ་ཁོང་བསྟེན་བྱས་ཆོག མཐོ་སྒང་གི་ཁྱད་ནོར------དབྱར་རྩ་དགུན་འབུ།

 

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་