དོཊ་གནད་འགྲེལ་བཤད།

གདམས་ངག་ཕྱག་ལེན་ཟབ་མོས་དུག་ཅན་སྨན་དུ་བསྒྱུར།

时间:2015-08-03  点击:111
         སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་བར་སྐབས་སུ། ནང་བསྟན་གྱི་དབུ་མའི་སྲོལ་འབྱེད་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལུས་སྲུང་བཅུད་ལེན་གྱི་སྨན་མཆོག་སྟེ་དངུལ་ཆུ་བཙོ་སྦྱངས་ཀྱི་གདམས་པ་འཇིག་རྟེན་དུ་སྤེལ་བ་དང་། སྤྱི་ལོ་དུས་རབས་བརྒྱད་པ་ནས་བཟུང་། ནང་ཆོས་བོད་ཡུལ་སྤེལ་བ་སྦྲགས་དངུལ་ཆུ་བཙོ་སྦྱངས་ཀྱི་གདམས་པ་ཡང་བོད་ཡུལ་དུ་སྤེལ། རྗེས་མར་སངས་རྒྱས་སྨན་བླའི་རྣམ་སྦྲུལ་དུ་གྲགས་པའི་གཡུ་ཐོག་ཡོན་ཏན་མགོན་པོས་དཀའ་བ་ཚད་མེད་སྤྱད་པ་དང་། ཤེས་རབ་ཀྱིས་སྒྲོན་མེ་བཏེགས་ཏེ་དངུལ་ཆུ་བཙོ་སྦྱངས་ཀྱི་གདམས་པ་མ་ལུས་ཁོང་དུ་ཆུད། དེ་ལ་རིན་ཆེན་བཙོ་བཀྲུ་ཆེན་མོ་ཞེས་གསོལ་བ་དང་དུག་མེད་པའི་སྨན་མཆོག་དེ་ནི་འཛམ་གླིང་དུ་གྲགས་པའི་དངུལ་ཆུའི་ཐལ་བ་སྟེ་བཙོ་ཐལ་ཡིན་ནོ། ། 
         བོད་སྨན་གྱི་ཐོན་ཁུངས་ནི་སྲོག་ཆགས་ཀྱི་རིགས་དང་། སྐྱེ་དངོས་ཀྱི་རིགས། གཏེར་དངོས་ཀྱི་རིགས་ལས་བྱུང་བ་ཡིན་པ་དང་། ནང་སྒོས་གཏེར་རྫས་སྨན་དུ་སྤྱོད་པར་གསོ་རིག་གཞན་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན། དེ་ནི་གཏེར་དངོས་དང་སྐྱེ་དངོས་ཀྱི་སྨན་རྫས་གང་ཞིག་ཡིན་རུང་དེའི་ངོས་འཇིན་དང་། སྨན་དུ་སྦྱར་ཆོག་མིན། བེད་སྤྱོད་ཀྱི་རིན་ཐང་སོགས་ལ་བོད་ཀྱི་གསོ་རིག་པའི་གཞུང་ལུགས་བཞིན་ཞིབ་འཇུག་དང་ལག་ལེན་གྱི་ར་སྤྲོད་བྱུང་ཚེ་ད་གཟོད་ནད་ཐོག་ཏུ་བེད་སྤྱོད་བྱས་ཆོག དེ་ལ་ཞིབ་འཇུག་དང་ལག་ལེན་གྱི་ར་སྤྲོད་མེད་པར་སྨན་དུ་སྦྱར་ན་སྨན་ལ་དུག་གཤིས་ཆེ་བའམ་ཞོར་སྐྱོན་འབྱུང་སྲིད་པས་ཡིན། དེར་བརྟེན་བོད་ལུགས་གསོ་བ་རིག་པའི་ཐུན་མིན་གྱི་ཁྱད་ཆོས་ནི་སྨན་གྱི་རིགས་དང་གྲངས་འབོར་གྱི་གསོ་རིག་གཞན་ལས་མང་བ་ཁོ་ན་མ་ཡིན་པར་སྨན་རྫས་རེ་རེར་ཆེད་དམིགས་ཀྱི་ཉམས་ཞིབ་བྱས་པའི་ངོ་མཚར་བའི་བཟོ་རྩལ་དེ་ཡིན། དེ་བས་སྨན་རྫས་གང་ཞིག་སྨན་དུ་སྦྱར་བར་སྐྱེས་སར་སྐྱེས་པ་དང་། དུས་སུ་བཏུས་པ། སྐམ་བསེད་ལེགས་པ་སོགས་སྔོན་འགྲོའི་ཆ་རྐྱེན་ཚང་དགོས་པ་དང་། འདུལ་སྦྱོང་གི་གོ་རིམ་ཞིབ་ཚགས་ཀྱིས་གྲུབ་རྗེས་གཞི་ནས་སྨན་དུ་སྦྱར་ཆོག  དེའི་ཕྱིར་ཀུན་གྱིས་ཤེས་གསལ་ལྟར།  བོད་སྨན་ལ་དུག་གཤིས་ཆུང་བ་དང་། ཞོར་སྐྱོན་མེད་པའི་བག་ཆགས་བཟང་བོ་ནི་བོད་ལུགས་གསོ་བ་རིག་པའི་གཟབ་ནན་གྱི་ཐུན་མོང་མ་ཡིན་པའི་འདུལ་སྦྱོང་བཟོ་རྩལ་ལས་བྱུང་བ་ཡིན།   
དེང་རབས་ཀྱི་གཏེར་དངོས་ཞིབ་འཇུག་ཁྲོད་གཏིང་དཔོག་དཀའ་བའི་དུག་གི་རྒྱལ་བོ་སྟེ་དངུལ་ཆུ་ནི་བོད་ལུགས་གསོ་བ་རིག་པར་ལོ་ངོ་ཉིས་སྟོང་སྔོན་ལ་འདུལ་སྦྱོང་བྱས་ཏེ་སྨན་ལ་སྤྱོད་བཞིན་ཡོད་པ་མ་ཟད།  རིན་ཆེན་སྨན་སྦྱོར་གྱི་གཙོ་གྲས་ཡིན། ལོ་ངོ་བརྒྱ་སྟོང་མང་བོར་བོད་རིགས་མང་ཚོགས་ལ་ཕན་བདེ་བསྐྲུན་ཅིང་ནད་ཀུན་སེལ་བའི་གཉེན་པོར་བརྩིས་ཏེ་ད་ལྟའི་བར་དུ་འགོར་བ་དང་། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ནད་ཐོག་ལག་ལེན་ཁྲོད་བོད་རིགས་མི་དམངས་ཀྱིས་དུག་རྒོད་དུ་གྲགས་པའི་དངུལ་ཆུ་ལ་ཐུན་མོང་མ་ཡིན་གྱིས་འདུལ་སྦྱོང་བྱས་རྗེས་དམིགས་བསལ་གྱི་ཕན་ནུས་ལྡན་པའི་སྤྲོད་བྱས་ཡོད། 
         དངུལ་ཆུ་བཙོ་སྦྱངས་བྱེད་པའི་བཟོ་རྩལ་ཁྲོད་སྐྱེ་དངོས་དང་གཏེར་དངོས། སྲོག་ཆགས་ཀྱི་སྨན་རྫས་ཕལ་མོ་ཆེ་ཞིག་གི་འདུལ་སྦྱོང་བརྒྱུད་དགོས་པ་དང་། ལག་ལེན་བྱེད་པའི་གོ་རིམ་ཁྲོད།  སྲ་མོའི་ལྕགས་ཀྱི་རིགས་ཀྱང་སྐྱེ་དངོས་ཀྱི་གྲུང་ཆུར་སྦངས་ན་སྙི་མོ་འདམ་བག་ལྟར་གྱུར་འགྲོ་བ་དང་། གསེར་ས་ལེ་སྦྲམ་ཀྱང་ཐལ་བར་བསྒྱུར་ནུས། དེ་ལ་རིགས་མི་གཅིག་པའི་གཏེར་སྨན་ལ་ཐབས་མི་གཅིག་པའི་འདུལ་སྦྱོང་བྱེད་དགོས་པ་དང་། བརྒྱུད་རིམ་ལ་གཟབ་ནན་དང་དཀའ་ལས་ཆེས་ཁག་པོའི་བཟོ་རྩལ་ཞིག་ཡིན་ཏེ། མེ་ལ་བསྲེག་པ་དང་བརྔོ་བ་སོགས་མེས་འདུལ་ཐབས། ཆུས་བཀྲུ་ཞིང་སྦངས་པ་སོགས་ཆུས་འདུལ་ཐབས། བཙོ་བསུར་སོགས་མེ་ཆུ་མཉམ་སྦྱོར་གྱི་འདུལ་ཐབས་སྤྱད་དེ་དུས་ཡུན་ངེས་ཅན་ཞིག་ལ་ལུས་གཙང་ཞིང་དུག་བསྲུང་བ། འདུལ་ཁྲིམས་དང་བཅས་སྦྱོར་བཟོ་བྱེད་དགོས། དེ་ནི་དར་ཁྱབ་ཆེ་བའི་དེང་རབས་ཀྱི་ཚན་རིག་ལག་རྩལ་ཀྱང་ངོ་མཚར་བའི་གཞལ་མེད་ཀྱི་ནོར་བུ་ཞིག་ཡིན། ང་ཚོས་ཆེས་མཐོ་བའི་ཚན་རིག་གི་འདུ་ཤེས་བཟུང་སྟེ་འཕེལ་རྒྱས་ལ་གཏོང་དགོས་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་ནམ་མཁའ་དང་འདྲ་བའི་ཕན་ཐོགས་ཡོང་བར་བྱེད་དགོས།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་