ཁྱད་ལྡན་དཔྱད་བཅོས།

༄༅།། དྲི་ཆུའི་བརྟག་པ།

时间:2015-08-21  点击:197
        ༡ལོ་ངོ་སྟོང་ཕྲགམང་པོའི་རིང་སྨན་པའི་མིག་གིས་དྲི་ཆུར་དབྱེ་ཞིབ་བྱས་ཏེ་ནད་ངོས་འཛིན་པའི་ཐབས།
ལོ་རྒྱུས་ཀྱི་ངོས་ནས་བལྟོས་ན། བོད་ཀྱི་གསོ་བ་རིག་པའི་ཁྲོད་ཀྱི་ཁྱད་མཚར་ཀུན་ལ་བདེན་དཔང་བྱེད་མཁན་དག་གིས་བསྟོད་བསྔགས་ཚད་མེད་འཐོབ་ཡོད་ལ། ངོ་མཚར་བའི་བོད་ཀྱི་གསོ་རིག་པའི་དྲི་ཆུར་བརྟག་ཐབས་ལ་དེ་ལས་ཀྱང་བསྔགས་པ་བརྗོད་མི་ཚར།འཛམ་གླིང་ཤེས་རིག་ལོ་རྒྱུས་ཞེས་པའི་ལོ་རྒྱུས་གསུང་རྩོམ་ཤིག་གི་ནང་དུ་བོད་ཀྱི་གསོ་བ་རིག་པའི་དྲི་ཆུར་བརྟག་པ་ནི་མི་རིགས་ཀྱིས་ཆེས་སྔ་བའི་དུས་སུ་དྲི་ཆུ་ལ་དབྱེ་ཞིབ་བྱེད་པའི་ཐབས་ལམ་ཤིག་རེད་ཅེས་བསྟོད་པ་བྱས་ཡོད། ད་དུང་བོད་ལྗོངས་ཀྱི་སྨན་པས་ནད་པའི་ལུས་ལ་བརྟག་དཔྱད་བྱེད་མི་དགོས་པར་ནད་པའི་དྲི་ཆུ་ཁོ་ན་ལ་བརྟག་དཔྱད་བྱས་པས་ཚ་གྲང་གང་གི་ནད་ཡིན་པ་རྟོགས་ཐུབ་ཅེས་པའི་ཧ་ལས་པའི་བསྟོད་བསྔགས་བྱས་པའི་ཟིན་ཐོ་ཡང་བཀོད་འདུག
སྤྱི་ལོ་དུས་རབས་བརྒྱད་པའི་ནང་བྱུང་བའི་བོད་སྨན་གྱི་གསུང་རྩོམ་ཆེན་མོ་རྒྱུད་བཞིཡི་ཚན་པ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ནང་དུ་མཐོང་བ་མེ་ལོང་ཆུ་ལ་ངོས་བཟུང་བ་ཞེས་དྲི་ཆུའི་བརྟག་ཐབས་གསལ་བོ་བཀོད་ཡོད་ལ། དེ་ལས་གལ་ཏེ་དྲི་ཆུར་བརྟག་པའི་ཐབས་ལམ་དེ་ཁོང་དུ་ཆུབ་ན། ནད་ལ་བལྟ་བ་ནི་མེ་ལོང་ངོས་ལ་གཟུགས་བརྙན་འཆར་བར་བལྟ་བ་ཇི་བཞིན་གསལ་བོ་ཡིན་པ་ཤེས་ཐུབ།
        ༢སྔོན་འགྲོ།
        སང་ཉིན་ཆུ་ལ་བལྟ་བའི་དོ་དགོང་ནས་ཇ་དང་ཆང་སོགས་ཆུ་མདོག་བསྒྱུར་བྱེད་ཀྱི་ཟས་རིགས་དང་། ཉལ་བོ་སྤྱོད་པ་སོགས་དྲག་ཤུལ་གྱི་ལས་རྣམས་སྤངས་ཏེ་ཁམས་བདེ་བག་ཕེབས་ཀྱིས་ངང་གཉིད་དགོས། ནམ་ཕྱེད་ཕན་ཆད་ཀྱི་ཆུ་ནི་ཟས་ཀྱི་ཆུ་ཡིན་པས་དྲི་ཆུའི་གྲུབ་ཆར་གནོད་པས་ཕྱིར་འཕོ་དགོས་ལ། ནམ་སྨད་ཀྱི་ནད་ཆུ་བསག་ནས་ཞོགས་པར་ཐོག་མར་བཏང་བའི་དྲི་ཆུ་བར་བ་ནི་ལེགས་སོ། དྲི་ཆུའི་སྣོད་ལ་ཁ་དོག་དཀར་གཙང་གི་དཀར་ཡོལ་སོགས་འདེམས་དགོས།
        ༣དུས་གསུམ་བརྟག་ཚུལ་དགུ།
        དྲི་ཆུ་ལ་བརྟག་སྐབས་དུས་གསུམ་བརྟག་ཚུལ་དགུས་ནད་ངོས་འཛིན་པའི་རྩ་དོན་འཛིན་དགོས། དུས་གསུམ་ཞེས་པ་ནི་སྣོད་དུ་དྲི་ཆུའི་དྲོད་ཚད་མི་འདྲ་བའི་གནས་སྟངས་གསུམ་སྟེ་དྲི་ཆུ་བཏང་མ་ཐག་པ་ཚན་མོའི་དུས་དང་། ངད་ཡལ་སྟེ་དྲི་ཆུའི་དྲོད་གྲང་བར་མའི་དུས། དྲི་ཆུ་བཏང་ནས་ཡུན་འགོར་བ་གྲང་ཟིན་པའི་དུས་དང་གསུམ་མོ། ། བརྟག་ཚུལ་དགུ་ཞེས་པ་ནི་དྲི་ཆུ་ཚན་དེའི་དུས་སུ་མདོག་དང་། རླངས་པ། དྲི་མ། མེ་ཏོག་བཅས་བཞི་ལ་བརྟག་པ་དང་། ངད་ཡལ་གྱི་དུས་སུ་དྲི་ཆུའི་ཀུ་ཡ་དང་། སྤྲིས་མ་གཉིས་ལ་བརྟག་པ། གྲང་ཟིན་པའི་དུས་སུ་ལྡོག་པའི་དུས་དང་། ཇི་ལྟར་ལྡོག་པའི་ཚུལ། ལོག་རྗེས་ཀྱི་ཁ་དོག་དང་ངོ་བོ་བཅས་གསུམ་ལ་བརྟག་པར་བྱའོ། །
        ༤ ནད་གཞིའི་ཆུ་རྟགས།
        ཀུ་ཡ་རྣམས་དྲི་ཆུའི་སྟེང་དུ་གནས་ན་ནད་དེ་གློ་སྙིང་སོགས་ལུས་ཀྱི་སྟོད་ལ་ཡོད་པ་དང་། ཀུ་ཡ་དྲི་ཆུའི་བར་དུ་གནས་ན་ནད་དེ་མཆིན་མཆེར་མཁྲིས་པ་སོགས་ལུས་ཀྱི་བར་ན་ཡོད་པ། ཀུ་ཡ་དྲི་ཆུའི་འོག་ཏུ་གནས་ན་ནད་དེ་མཁལ་མ་དང་རྒྱུ་ལོང་། ལྒང་པ། ཆུ་སོ་སོགས་ལུས་ཀྱི་སྨད་ན་ཡོད་པ་བཅས་མདོར་ན་ཀུ་ཡ་གནས་པ་བཞིན་ནད་ཀྱང་དེ་ལྟར་ཤེས་པར་བྱའོ། ། ལྷག་པར་དུ་ནད་ཚ་གྲང་གང་ཡིན་ངོས་མི་ཟིན་པའི་སྐབས་སུ་དྲི་ཆུར་བརྟག་པ་ནི་མུན་པ་སེལ་བའི་སྒྲོན་མེ་ཡིན། དྲི་ཆུ་སྙོམས་པར་གནས་པའི་སྐབས་སུ་དྲི་ཆུའི་སྟེང་འོག་བར་གསུམ་གང་དུའང་ཀུ་ཡ་མཐུག་པོ་ལིང་གིས་བྱུང་ན་ནད་གཞི་ཚ་བ་དང་། ཀུ་ཡ་སྲབ་ན་གྲང་བའི་ནད་གཞི་ཡིན་ནོ། ། བརྟག་ཚུལ་དགུ་ལས་དྲི་ཆུའི་ཁ་དོག་ལ་བརྟག་པ་ནི། ལུ་མའི་ཆུ་སྟེ་ནེའུ་གསིང་གི་དཀྱིལ་དུ་ས་འོག་ནས་ཡར་འབུར་བའི་ཆུ་ལྟར་སྔོ་ལ་སླ་བ་ཡིན་ན་རླུང་གི་ནད་དང་། སྨུག་པོ་རྒྱ་སྐྱེགས་ཀྱི་སྣོད་ཆུས་བཤལ་བ་ལྟར་ཟིང་སྐྱར་འདུག་ན་ཆུ་སེར་གྱི་ནད། ཏིལ་མར་རམ་རྩི་མར་ཡུན་རིང་བསྐོལ་བའི་ཞུན་མར་གྱི་མདོག་ལྟར་སེར་ནག་ཡིན་ན་རིམས་ནད། དྲི་ཆུའི་རླངས་པར་བརྟག་པ་ནི། དྲི་ཆུ་ཚན་དེའི་དུས་སུ་རླངས་པ་ཆུ་ཚན་ལྟར་ཤིན་ཏུ་ཆེ་ཞིང་དྲི་ཆུའི་ཁ་དོག་ཀྱང་བསྒྲིབས་འགྲོ་བ་ལྟ་བུ་བྱུང་ན་ཚ་བ་ཤིན་ཏུ་རྒྱས་པའི་ཆུ་དང་། དྲི་ཆུའི་རླངས་པ་ཆུང་ལ་དུས་སུ་ཡལ་མི་འགྲོ་བར་ཡུན་རིང་དུ་གནས་ན་ཚ་བ་གབ་པའི་ནད་དམ་རྙིངས་པའི་ཚ་བ་ཡིན། དྲི་ཆུ་བཏང་མ་ཐག་པ་ཚ་མོའི་དུས་སུ་དྲི་ཆུའི་དྲི་མ་ཤིན་ཏུ་དུགས་ལ་དཀུ་ན་ཚ་བ་ཆེ་བའི་ནད་དང་། དྲི་མ་གཏན་ནས་བྲོ་རྒྱུ་མེད་པའམ་ཡང་ན་ཆུང་ངུ་ཞིག་ལས་མེད་པ་ནི་གྲང་བའི་ནད་ཡིན། མེ་ཏོག་གམ་ལྦུ་བ་ལ་བརྟག་པའི་ཚུལ་ནི། དྲི་ཆུ་དཀྲུག་པའི་སྐབས་སུ་ལྦུ་བའི་མདོག་སྔོ་ཞིང་མཛོ་མིག་ལྟར་འབུར་ལ་ཆེ་བ་ནི་རླུང་གི་ནད་ཡིན་པ་དང་། ལྦུ་བ་ཉ་མིག་ལྟར་ཕྲ་བ་སྟེ་ཆུང་ལ་སིབ་སིབ་མང་བ་ཁ་དོག་སེར་པོ་དང་སངས་པ་སྐྱེན་པ་སྟེ་མྱུར་དུ་ཞིག་འགྲོ་བ་ཡིན་ན་མཁྲིས་པའི་ནད་ཡིན། ཀུ་ཡ་བརྟག་པའི་དུས་སུ་ཀུ་ཡའི་དབྱིབས་དང་ཁ་དོགགནས་སྟངས་བཅས་ལ་བལྟོས་ནས་ནད་རིགས་གང་ཡིན་ངོས་འཛིན་ཐུབ་པ་དང་། སྤྲིས་མ་བརྟག་པའི་དུས་སུ་སྤྲིས་མ་མཐུག་ན་ནད་གཞིའི་ངོ་བོ་ཚ་བ་དང་སྤྲིས་མ་སྲབ་ན་ནད་གཞིའི་ངོ་བོ་གྲང་བ་བཅས་ཡིན་ནོ། ། དཔལ་ལྡན་རྒྱུད་བཞིའི་ཕྱི་མ་རྒྱུད་ལས། འཚོ་འཆིའི་ལ་ཤན་རྩ་ཡིས་འབྱེད་ན་ཡང་། ། ཚ་གྲང་ལ་ཤན་ཆུ་ལ་མཐོང་བས་གསལ། ། ཞེས་གསུངས་ཡོད་པས། བོད་ཀྱི་གསོ་བ་རིག་པའི་དྲི་ཆུར་བརྟག་པ་ནི་ནད་གཞིའི་ཚ་གྲང་ལ་ཤན་འབྱེད་པའི་སྐབས་སུ་དོན་སྙིང་གལ་ཆེན་ལྡན། །

རིན་ཆེན་གྱིས་བསྒྲིགས།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་