ཁྱད་ལྡན་དཔྱད་བཅོས།

ལུམས་བསྟན་པ།

时间:2015-07-30  点击:179
         ལུམས་ནི་དཔལ་ལྡན་རྒྱུད་བཞིའི་ཕྱི་མ་རྒྱུད་དུ་སྨན་དཔྱད་ལག་ལེན་བཅོ་བརྒྱདགསུངས་ཡོད་པ་ལས་དཔྱད་སྡེ་ལྔའི་གྲས་སུ་ལེའུ་གཅིག་གིས་བསྟན་ཡོད། དེ་ལ་ལུམས་དཔྱད་སྡེའི་གྲས་སུ་འཇོག་དོན་ཡང་བཤད་རྒྱུད་དུ། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་ཞི་བ་བྱེད་པའི་ཆ་ནས་ལུམས་ནི་དཔྱད་ཡོད་ཏེ། ཞེས་པ་ལྟར་གཉེན་པོའི་སྨན་ཁོང་དུ་མི་གཏོང་བར་ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་ཞི་བ་བྱེད་པའི་པའི་ཆ་ནས་ལུམས་ནི་དཔྱད་གྱི་གྲས་སུ་བཞག་པ་རེད། སྤྱིར་དཔྱད་ལ་འཇམ་རྩུབ་དྲག་པོ་གསུམ་གྱི་དབྱེ་བ་འབྱེད་རུང་སྟེ་གཏར་བསྲེག་འབུག་པ་གསུམ་ནི་རྩུབ་པའི་དཔྱད་དང༌། འདྲལ་གཅོད་འདྲུད་འབྱིན་བཞི་ནི་དྲག་པོའི་དཔྱད་དང་དུག་ལུམས་བྱུག་པ་གསུམ་ལ་འཇམ་པོའི་དཔྱད་ལས་ལུམས་ནི་ཉེན་ཆུང་བྱེད་བདེ་བ་ཕན་བསྐྱེད་ཆེ་བ་ལུགས་གཞན་ལ་དབུལ་པོའི་བོད་ཀྱི་གསོ་རིག་གི་ཐུན་མོང་བཅོས་ཐབས་རིན་ཐང་ཅན་གྱི་བོར་བུ་ཞིག་དང་མཚུངས། ཕྱི་མ་རྒྱུད་ལས་ལུམས་ཀྱི་ལེའུ་ས་བཅད་རྣམ་པ་བཞི་ཡིས་བསྟན་པ་དང་སྡེབ་ཁའི་གྲངས་བཅུ་གཉིས་བཅས་ཡོད། དེ་ལས་ཆུ་ལུམས་ཀྱི་སྡེབ་ཁའི་གྲངས་བཞི་ཡོད་པའི་དང་པོར་བདུད་རྩི་ལྔའི་ལུམས་བགྲང་ཐོག་བདུད་རྩི་ལྔའི་ལུམས་ནི་རང་བྱུང་ཆུ་ཚད་ཀྱི་ཚ་བ་དུ་རུང་བར་དངོས་སུ་བསྟན་པ་སྟེ། དེ་མ་གྲུབ་ན་བདུད་རྩི་རྣམ་པ་ལྔ༌། རླུངས་ལུམས་ཆུ་ཚན་སྤྱིང་བས་གོང་བཞིན་འགྲུབ། ཅེས་རྒྱུད་ལས་གསུངས་ཡོད། དེར་བརྟེན་ནས་བདུད་རྩི་ལྔ་ལུམས་ལ་གཙིགས་ཆེན་དང་འཕེལ་རྒྱས་དུ་སོང་སྟེ་ལག་ལེན་ཁྲོད་བདུད་རྩི་ལྔའི་ལུམས་ལ་རྒྱས་བསྡུས་འབྲིང་བ་སོགས་ཁ་ཚར་རྒྱག་སྟངས་ཐད་ནས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ཅིང་བདུད་རྩི་ལྔ་ལུམས་ཀྱིས་ལུམས་རྒྱག་རུང་བའི་ནད་གཞི་ཡོད་དོ་ཅོག་བཅོས་ཐུབ་པ་ལྟ་བུ་ཞིག་ཏུ་སོང་ཡོད། ལུམས་ཀྱིས་ལེའུའི་ས་བཅད་བཞི་བ་ཡོན་བསྟན་པའི་ནང་ལུམས་ཀྱི་ཚ་རླབས་ཆུ་སེར་སྤུར་འདོན། རླུང་འདུལ་སྐྲན་འཇོམས་་སྐེམ་པོ་ཤ་རྒྱས་བྱེད་ཅེས་གསུངས་པའི་ཚ་རླབས་ཆུ་སེར་སྤུར་འདོན་རླུང་འདུལ་ཞེས་པས་སྨན་ལུམས་ཀྱིས་ནད་བཅོས་ཐུབ་པའི་བདེན་ལུགས་ཕྱོགས་ཙམ་བསྟན་ཡོད། དེ་མིན་སྨན་ལུམས་ཀྱིས་ནད་བཅོས་ཐུབ་པའི་བདེན་ལུགས་ཕྱོགས་ཙམ་བསྟན་ཡོད། དེ་ལ་དབྱེ་ཞིབ་དང་ལག་ལེན་ཁྲོད་སྨན་ལུམས་ཀྱིས་གསོ་བཅོས་བྱས་ན་ཕན་ཐོགས་ལུགས་སྤྱི་བསྡོམ་གྱིས་བཀོད་པ་འདི་ལྟར། གཅིག སྨན་ལུམས་ཀྱིས་ཆུ་སེར་དང་ཚ་རླབས་སོགས་ནད་དངོས་སུ་རྔུལ་ཆུ་དང་བསྡོངས་ནས་བ་སྤུའི་བུ་གུའི་སྒོར་འབྱིན་པ་གཉིས། སྨན་ལུམས་བ་སྤུའི་བུ་གུའི་ཁོག་སྟོང་བརྒྱུད་དེ་ཐད་ཀར་ནད་ཐོག་ཏུ་སྨན་ནུས་ཐོན་པ་གསུམ། སྨན་ཆུའི་དྲོད་རླངས་པས་རླངས་བཙོས་རྒྱག་པ་ནང་ལྟར་རྩ་རྒྱུས་གྱོང་བར་བརླན་ཕབས་ཏེ་སྙི་ལ་མཉེན་པར་བྱེད་པ། བཞི་བ། ཕྱིའི་ལྤགས་ནད་ལ་ཕྱི་བྱུག་ནང་བཞིན་སྨན་དང་ནད་གཉིས་ཐད་ཀར་གདོང་གཏུགས་ནས་ནུས་པ་ཐོན་པ་ལྔ་བ། དྲོད་དུག་རྒྱག་པ་ནང་བཞིན་གྲང་ཞིང་འཁྱག་པར་དྲོད་འགུགས་པ་སྟེ། དེ་ལྟར་རྒྱུ་མཚན་རྣམ་པ་ལྔའི་སྒོ་ནས་ལུམས་ཀྱིས་ནད་ཇི་ལྟར་བཅོས་ཐུབ་པར་ར་སྤྲོད་ཐུབ་ཅིང་ལུམས་ཞེས་པའི་དོན་ཡང་དེའི་ཤུགས་ནས་ལེགས་པར་རྟོགས་འོང་བ་ཡིན།
 

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་